故乡达那歌词由普布旦增演唱,出自专辑《故乡达那》,下面是《故乡达那》完整版歌词!
故乡达那歌词完整版
སྔོན་བསགས་ལས་ཀྱི་མཐུ་ལས།།
སྐྱིད་པོའི་གནས་འདིར་སླེབས་སོང་།།
བཞད་ཞུང་རྟ་ནག་ཡུལ་གྱིས།།
བུ་ངའི་སེམས་པ་འཕྲོག་སོང་།།
ཨོ་རྒྱན་གུ་རུ་མགོན་དེ།།
བྱིན་རླབས་ཡིན་ཡང་ཆེ་བྱུང་།།
དལ་འབྱོར་མི་ལུས་བཟང་པོར།།
ཆོས་ཀྱི་བདུད་རྩི་སྦྱིན་བྱུང་།།
前世修来的福报
来到了美丽的故乡
故乡谢雄达那
动起了我的心灵
吴坚古如寺
更是圣之处
难得可贵的人生
得到了佛法的领域
རྟ་ནག་གུ་རུ་རྣོན་རྩེས།།
རྣམ་དཀར་ལས་ལ་སྐུལ་བའི།།
མཆོག་གྱུར་རྫ་བཟོའི་སྒྱུ་རྩལ།།
བདེ་སྐྱིད་འབྱུང་བའི་གཞི་རེད།།
འགྲོ་དྲུག་མ་ལྟར་འཛིན་ཞིང་།།
ལྷག་བསམ་བློ་སེམས་དཀར་བའི།།
རྟ་ནག་ཡུལ་གྱི་མི་ཡིས།།
བུ་ངའི་སེམས་པ་དྲོད་བྱུང་།།
达那古如南孜
纯朴勤劳之人
无比的瓷器艺术
是富裕的根源
六道皆是一母
忠诚无暇的心态
故乡达那的人们
温暖着我的内心
དད་པའི་མཆི་མ་ཤོར་བས།།
བསྟོད་པའི་གླུ་དབྱངས་ལེན་ཡོད།།
མཛེས་པའི་ཕ་ཡུལ་རྟ་ནག།
སྔར་ལས་དར་ཞིང་རྒྱས་ཤོག།
དཀར་གཙང་མཇལ་དར་སྒྲོན་ནས།།
སེམས་ནས་སྨོན་ལམ་བཏབ་ཡོད།།
བྱམས་སེམས་ཅན་གྱི་མི་རྣམས།།།
སྐུ་བསོད་དབང་ཐང་འཕེལ་ཤོག།
故乡达那的人们
温暖着我的内心
向着美丽的故乡
歌唱赞美之歌
祝我美丽的故乡
走向繁荣富强