故乡海南歌词由藏音馆演唱,出自专辑《海南锅庄I》,下面是《故乡海南》完整版歌词!
故乡海南歌词完整版
ཕ་ཡུལ་མཚོ་ལྷོ།
ཚིག ཆབ་འགག་རྡོ་རྗེ་ཚེ་རིང་།
དབྱངས། འཇམ་བྷེ།
འཁྲབ་ཁྲིད། བཙུན་ཐར། སྒྲོལ་མ་མཚོ། གདུགས་དཀར་ཡག ལྷ་མཚོ་སྒྲོལ་མ།
ཆ་འགྲིག་མ་རྩེད།
མཚོ་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་ན།
འབྱོར་ཕྱུག་གི་ཕ་ཡུལ་མཚོ་ལྷོ་ཆགས།
དཔལ་དགེ་བཅུ་ཚང་བའི་ས་ཆ་འདི།
འབྲོང་ཤྭ་རྐྱང་གསུམ་གྱི་ཕ་ས་ཡིན།
ཆ་འགྲིག་མ་རྩེད།
རྟ་ནོར་ལུག་གསུམ་གྱི་ཕ་ཡུལ་ཡིན།
འབྲོང་རུ་དམར་རྭ་རྩེ་རྣོ་ས་ཡིན།
ཤྭ་ཡུ་མོས་སྐྱུགས་ལྡད་བྱེད་ས་ཡིན།
རྐྱང་ཁ་དཀར་བང་རྩེད་ས་ཡིན།
ཆ་འགྲིག་མ་རྩེད།
རྟ་འདོ་བའི་གོམ་ལག་ངོམ་ས་ཡིན།
མཛོ་ཁྱུང་དཀར་རྭ་ཁ་གོར་ས་ཡིན།
ལུག་གཡང་དཀར་ཁ་གྲངས་མང་ས་ཡིན།
རྒྱུ་སྟོབས་འབྱོར་མངའ་ཐང་དར་ས་ཡིན།
ཆ་འགྲིག་མ་རྩེད།
རི་བློན་པོ་གསེར་ཆེན་པང་བ་ན།
མཛེས་སྡུག་གི་ཕ་ཡུལ་མཚོ་ལྷོ་ཆགས།
དཔལ་དགེ་བཅུ་ཚང་བའི་ས་ཆ་འདི།
བཟང་ཡ་རབས་གཉིས་ཀྱི་ཕ་ས་ཡིན།
ཆ་འགྲིག་མ་རྩེད།
སྐྱིད་རྩེད་དགོད་གཉིས་ཀྱི་ཕ་ཡུལ་ཡིན།
ལས་དགེ་སྡིག་རྒྱ་མ་དྲང་ས་ཡིན།
སྐྱིད་ཉི་མ་དགུང་ནས་འཆར་ས་ཡིན།
སྡུག་མུན་པའི་མིང་ཙམ་མེད་ས་ཡིན།
ཆ་འགྲིག་མ་རྩེད།
རྒན་ལོ་ལོན་ཚེ་ཐག་རིང་ས་ཡིན།
སྟག་ཤ་རའི་གཞུང་རྒྱུད་དྲང་ས་ཡིན།
མ་བུ་མོའི་ངང་རྒྱུད་དྲང་ས་ཡིན།
ཆུང་བྱིས་པ་འདབ་ལག་རྒྱས་ས་ཡིན།
故乡海南
恰婤玛泽
在青海湖南部
坐落富饶的故乡海南
人杰地灵
物华天宝
恰婤玛泽
恰婤玛泽
雪山之下
坐落于故乡
人杰地灵
物华天宝
恰婤玛泽
恰婤玛泽