电影《甘嘉嘎玛》主题曲歌词由德格叶演唱,出自专辑《》,下面是《电影《甘嘉嘎玛》主题曲》完整版歌词!
电影《甘嘉嘎玛》主题曲歌词完整版
电影《甘嘉嘎玛》主题曲 - 德格叶
词:阿翅
曲:德格叶
编曲:德格叶
原曲:甘嘉嘎玛
གང་ན་ཡོད། ཨ་ཇོ་ལགས།
གང་ན་ཡོད། ཨ་ཅེ་ལགས།
གང་ན་ཡོད། ཁྱོད་གཉིས་གང་ན་ཡོད།
གང་ན་ཡོད། གང་ན་ཡོད།
གནམ་སྔོན་གྱི་འཛུམས་ཞལ་ཡག་དུས་ཁྱོད་གཉིས་ས་ཆ་གང་ན་ཡོད།
མི་སེམས་ཀྱི་བརྩེ་བ་འཇགས་དུས་ཁྱོད་གཉིས་ས་ཆ་གང་ན་ཡོད།
འཁོར་བའི་སྲིང་ལ་དབྱར་ཁ་ཚེས་རྒྱུ་མེད་ཀྱང་ཆོག
མི་སེམས་རེ་རེའི་དཀྱིལ་ནས་ཁྱོད་གཉིས་མཉམ་དུ་གཟིམ་ཆུང་གནང་ཆོག
ལས་དབང་ཁོ་ལ་སྡུག་རྩུབ་ཇི་འདྲ་ཆེ་ན་ཡང་།
སོ་སོའི་ཐོད་པའི་ཨོཾ་ཆུང་སྐྱེ་བའི་སྐྱེ་བར་གཅིག་ལ་བོབས་ཤོག
ཁྱོད་གཉིས་གང་ན་ཡོད།
ཁྱོད་གཉིས་གང་ན་ཡོད།
གང་ན་ཡོད། ཨ་ཇོ་ལགས།
གང་ན་ཡོད། ཨ་ཅེ་ལགས།
གང་ན་ཡོད། ཁྱོད་གཉིས་གང་ན་ཡོད།
གང་ན་ཡོད། གང་ན་ཡོད།
རྟ་རྒོད་ཀྱི་རྔོགས་རྩེ་གཟེངས་དུས་སྟག་ཤར་ཁྱོད་རང་གང་ལ་སླེབས།
སྐར་ཚོགས་ཀྱིས་ངུ་ཤུམ་བྱེད་དུས་སྨན་མཆོག་ཁྱོད་རང་གང་ན་ཡོད།
རྩྭ་ཐང་དེ་ཡི་གཤོག་པ་ཇི་འདྲའི་ཆེ་ན་ཡང་།
ཁྱོད་རང་གཉིས་ཀྱི་བརྩེ་བའི་སྡོང་བོ་ད་དུང་འཁྲུངས་ས་མ་རྙེད།
མཚོན་གྱི་སྣེ་མོར་སྙིང་རྗེ་འཁྲུངས་རྒྱུ་མེད་ན་ཡང་།
ཁྱོད་གཉིས་འཕྲད་པའི་མཚན་མོ་ནམ་མཁའི་ཟླ་བས་ད་རུང་བསྲུངས་ཡོད།
རྩྭ་ཐང་དེ་ཡི་གཤོག་པ་ཇི་འདྲའི་ཆེ་ན་ཡང་།
ཁྱོད་རང་གཉིས་ཀྱི་བརྩེ་བའི་སྡོང་བོ་ད་དུང་འཁྲུངས་ས་མ་རྙེད།
མཚོན་གྱི་སྣེ་མོར་སྙིང་རྗེ་འཁྲུངས་རྒྱུ་མེད་ན་ཡང་།
ཁྱོད་གཉིས་འཕྲད་པའི་མཚན་མོ་ནམ་མཁའི་ཟླ་བས་ད་རུང་བསྲུངས་ཡོད།
ཁྱོད་གཉིས་གང་ན་ཡོད།
ཁྱོད་གཉིས་གང་ན་ཡོད།