成都藏语版歌词由尼码才让演唱,出自专辑《》,下面是《成都藏语版》完整版歌词!
成都藏语版歌词完整版
成都(藏语版) - 尼码才让
སྤོས་ལྡན་ལྷ་ཡི་གྲོང་ཁྱེར།
ཚིག ཤ་ཟན་རྩམ་པ་དགའ།
བོད་པའི་ནང་མ་མང་ས་དེ།
ཉི་མ་ལྷ་ས་མ་རེད།
བོད་པའི་ཚོང་ཁང་མང་ས་ཡང་།
ལྷ་སའི་བར་སྐོར་མ་རེད།
བོད་པ་མང་པོ་འཛོམས་ས་རེད།
འུ་གཉིས་དང་པོ་འཕྲད་ས་རེད།
སྤོས་ལྡན་ལྷ་ཡི་གྲོང་ཁྱེར་འདི།
ས་སྐྱིད་པོ་ཁྲི་འདུ་རེད།
མ་སྐྱེས་ཨ་མ་ཨ་རིགས་ཚང་།
ཧི་མ་ལ་ཡ་ཤམ་བྷ་ལ།
ཨ་མའི་ཐབ་ཚང་ཨ་ཅ་ལགས།
ན་རོ་ཚང་ནས་ཆ་རུ།
ཡང་མཆོད་རྟེན་དཀར་པོ་དང་སམ་བྷོ་ཊ།
ངས་ནམ་ཡང་བརྗེད་དུ་མེད།
ད་དུང་། བཤད་མི་ཚར་བ། མང་པོ་ཡོད།
ཡང་ཨ་ལ་ཐ་ལ་ནས་ཨ་རོགས་ཁམས་པ་དང་།
ཚངས་དབྱངས་རྒྱ་མཚོ་ནས་ཁ་བ་བོད་པ་སོགས་ལ་ཡང་ཡང་འཁྱམ།
ཨ་མ་ལགས་ནས་ཁྱེད་རང་ངོ་ཤེས།
དབྱངས་ཅན་མ་ནས་ཁྱེད་དང་བྲོ་འཁྲབ།
ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས།
ཇ་དང་འོ་མ་བཞིན་དུ་འདྲིས་བྱུང་།
མ་སྐྱེས་ཨ་མ་ཨ་རིགས་ཚང་།
ཧི་མ་ལ་ཡ་ཤམ་བྷ་ལ།
ཨ་མའི་ཐབ་ཚང་ཨ་ཅ་ལགས།
ན་རོ་ཚང་ནས་ཆ་རུ།
ཡང་མཆོད་རྟེན་དཀར་པོ་དང་སམ་བྷོ་ཊ།
ངས་ནམ་ཡང་བརྗེད་དུ་མེད།
ད་དུང་། བཤད་མི་ཚར་བ། མང་པོ་ཡོད།
ཡང་ཨ་ལ་ཐ་ལ་ནས་ཨ་རོགས་ཁམས་པ་དང་།
ཚངས་དབྱངས་རྒྱ་མཚོ་ནས་ཁ་བ་བོད་པ་སོགས་ལ་ཡང་ཡང་འཁྱམ།
ཨ་མ་ལགས་ནས་ཁྱེད་རང་ངོ་ཤེས།
དབྱངས་ཅན་མ་ནས་ཁྱེད་དང་བྲོ་འཁྲབ།
ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས།
ཇ་དང་འོ་མ་བཞིན་དུ་འདྲིས་བྱུང་།