西藏之子/ (其他)歌词由丹增 D The dreamer&德吉老爷演唱,出自专辑《西藏之子》,下面是《西藏之子/ (其他)》完整版歌词!
西藏之子/ (其他)歌词完整版
作词 : 丹增 D The dreamer/德吉老爷/索南多杰
作曲 : 丹增 D The dreamer/德吉老爷
བོད་པའི་བུ་ཕྲུག།བོད་པའི་བུ་ཕྲུག།བོད་པའི་བུ་ཕྲུག།ང་ནི་་་ང་ནི་བོད་པའི་བུ་ཕྲུག།
བོད་པའི་བུ་ཕྲུག།བོད་པའི་བུ་ཕྲུག།བོད་པའི་བུ་ཕྲུག།ང་ནི་་་ང་ནི་བོད་པའི་བུ་ཕྲུག
བོད་པའི་བུ་ཕྲུག།བོད་པའི་བུ་ཕྲུག།བོད་པའི་བུ་ཕྲུག།ང་ནི་་་ང་ནི་བོད་པའི་བུ་ཕྲུག
གྲོགས་པོ། རྒྱང་རིང་གི་གྲོང་མཐའ་དེ་རུ་བདེ་ལེགས་སམ།
ཉི་འོད་དང་རྒྱ་མཚོ་འཁྱིལ་བའི་གནས་དེ་རུ་རླུང་གི་རྒྱུ་བ་འཇམ་མམ།
འདི་རུ་དགུན་ཁ་ཤར་བྱུང་།
རྩྭ་ཐང་དང་ལུག་ཁྱུ་གངས་འདབ་ནས་དགུན་ལ་ཆས།
ཁ་བ་ལྷབ་ལྷུབ་འབབ་པའི་ཕྱི་དྲོ་འདིར་ངའི་ཡིད་དུ་ཁྱེད་རང་ཡང་ཡང་འཁོར།
ཁྱོད་རང་ཆས་རྗེས་སུ།
ཨ་མས་ཁྱེད་ཀྱི་ རྒྱབ་གཟུགས་མག་མོག་ལ་འོ་ཇ་དཀར་པོས་མཆོད་ཁ་འཕངས།
ཨ་ཕས་ཁྱེད་ཀྱི་རྨི་ལམ་གྱི་རྟ་ཕོར་གཡས་འཁྱིལ་དུང་གི་སྒྲ་དབྱངས་སྐུལ།
མིང་སྲིང་ཚོས ་དབྱར་དགུན་སྟོན་དཔྱིད་དུས་བཞིར་རིས་མེད་གཡང་ར་སྒོ་བཞིའི་རྨིག་རྗེས་འགྲིམས།
ཡུན་རིང་ཡུན་རིང་ཞིག་ལ།
ན་ཟླ་ཚོས་ཁྱེད་རང་གླེང་ཞིང་ཁྱེད་ཀྱི་བློ་གྲོས་དང་སྤོབས་པ་གླེང་།
བོད་པའི་བུ་ཕྲུག།བོད་པའི་བུ་ཕྲུག།བོད་པའི་བུ་ཕྲུག།ང་ནི་་་ང་ནི་བོད་པའི་བུ་ཕྲུག།
བོད་པའི་བུ་ཕྲུག།བོད་པའི་བུ་ཕྲུག།བོད་པའི་བུ་ཕྲུག།ང་ནི་་་ང་ནི་བོད་པའི་བུ་ཕྲུག
བོད་པའི་བུ་ཕྲུག།བོད་པའི་བུ་ཕྲུག།བོད་པའི་བུ་ཕྲུག།ང་ནི་་་ང་ནི་བོད་པའི་བུ་ཕྲུག
ཡིན་ནའང་།
གངས་ཀྱི་རི་མོ་དཀར་པོ་གནམ་གྱི་མཐའ་ནས་ཤར་བྱུང་།
ཨ་མའི་དབུ་སྐྲའི་འདབ་ལོར་ཁ་བས་མེ་ཏོག་བབ་བྱུང་།
རི་གསུམ་རྩེ་ཡི་དར་ལྕེ་སྐྱི་བསེར་རླུང་བུས་ཟད་སོང་།
ཨ་ཕའི་བསང་འབོད་ཚིག་གསུམ་དུས་ཀྱིས་འདར་འདར་བྱས་སོང་།
དེ་བས། ད་ནི་ཕྱིར་ལ་ཆས་ཤོག་ཨང་།
ང་ཚོས་སྦྲ་ནག་པོའི་ཆོན་ཐག་བརྒྱངས་ནས།
རྟ་ འདོ་བར་སྒ་ཆ་རྒྱུས་ནས།
འབྲི་ ཐུལ་མའི་འོ་ཞོ་བསྣམས་ནས་ཁྱེད་ལ་སྒུག
སང་ལོར།
དཔྱིད་མགོ་མའི་སྦྲང་ཆར་གྱི་འབོད་པ་དང་མཉམ་དུ་ཆས་ཤོག་ཨང་
ཁ་ལས་དགེ། ཁ་ལས་དགེ། ཁ་ལས་དགེ།
རླུང་རྟ་དར། རླུང་རྟ་དར། རླུང་རྟ་དར།
རླུང་རྟ་ཡར་ལས་ཡར་དར།གངས་དཀར་རྩེ་ནས་དར་འགྲོ།
གངས་དཀར་དང་གསེར་རིའི་རྩེ་ནས་དར་འགྲོ།
སྒྲ་སྒམ་ནསboomboom
ཁ་ལས་དགེ། ཁ་ལས་དགེ། ཁ་ལས་དགེ།
ཚེ་མ་རྫོགས་གོང་དུ།རླུང་རྟ་དར། རླུང་རྟ་དར། རླུང་རྟ་དར།
རླུང་རྟ་ཡར་ལས་ཡར་དར།གངས་དཀར་རྩེ་ནས་དར་འགྲོ།
གངས་དཀར་དང་གསེར་རུའི་རྩེ་ནས་དར་འགྲོ།
ཀ་ལ་པིང་ཀ སྐད་འདིར་ཁྱེད་ཉིད་གསུང་སྐད་་་་ཁྱེད་ཉིད་ག་ས་གང་དུ་མཚན་ཉིད་རིག་པའི་སྐད།
ངས་ཕ་མེས་ཡང་མེས་སེམས་ཁུར་དེ་ནམ་ཡང་ཁྱེད་རེད། རྡོ་རེད།ད་རེད། རེད་དེ།
ཁྱེད་ཕ་མ་སྤུན་མཆེད་སེམས་ཁུར་དེ་ནམ་ཡང་ཁྱེད།