央金玛歌词由次成卓玛演唱,出自专辑《央金玛》,下面是《央金玛》完整版歌词!
央金玛歌词完整版
དབྱངས་ཅན་མ།
央金玛
YANG JIN MA
ཚིག་རྩོམ་མཁན། ཚེ་ཤུལ་བསྟན་པའི་སྒྲོན་མེ།
歌词: 才旭•旦贝仲劢
དབྱངས་རྩོམ་མཁན། བློ་གསལ།
歌曲:罗萨
གཞས་གཏོང་མཁན། ཚུལ་ཁྲིམས་སྒྲོལ་མ།
原唱: 次成卓玛
ཚངས་སྲས་ལགས་དབྱངས་ཅན་ལྷ་མོ།
梵天之女妙音女神
མཁྱེན་བརྩེ་ནུས་གསུམ་གྱི་བྱིན་རླབས་ཆར་ཆེན།
智悲力之加持大雨。
འགྲོ་ཁམས་རྒྱ་མཚོ་ལ་འབད་མེད་བསྩལ་བའི།
赐给众生苦海之生灵,
ཐུགས་རྗེའི་གཏེར་ཆེན་གྱི་ངག་གི་དབང་ཕྱུག
大悲付藏之妙音之主,
ངག་ཚངས་སྲས་དབྱངས་སྙན་གྱིས་འགྲོ་ཁམས་བདེ་ལ་བཀོད།
妙音之声造福三界
མ་འགྲོ་དྲུག་སེམས་ཅན་གྱི་ཡིད་ཀྱི་གདུང་བ་སེལ།
消除六界众生之苦
དབྱངས་ཅན་མ་ངག་གི་དབང་ཕྱུག
央妙音女神妙音之主
ང་ཡི་ཚེ་རབས་ཀྱི་ལྷ་སྐལ་ཁྱེད་ཡིན།
是我永恒的女神
འགགས་མེད་ངག་དབང་གི་དངོས་གྲུབ་སྩོལ་ཅིག
请赐我无阻畅通之成就
ཚངས་སྲས་ལགས་དབྱངས་ཅན་ལྷ་མོ།
梵天之女妙音女神
རྒྱལ་ཀུན་གསུངས་མཆོག་གི་བདེན་ཚིག་རང་སྒྲ།
诸菩萨的真言之声
སྣོད་བཅུད་སྐྱེ་དགུ་ལ་ལྷོད་མེད་བསྩལ་བའི།
赐予一切生灵众生,
ཕྲིན་ལས་རྣམ་རོལ་གྱི་ངག་གི་དབང་ཕྱུག
殊胜业力妙音之力
དབྱངས་འགྱུར་ཁུག་སྟོང་ལྡན་གྱིས་སྲིད་ཞིའི་རྒུད་པ་འཇོམས།
消灭世界一切业障
མ་སེམས་ཅན་སྐྱེ་འགྲོ་ལ་ཐར་བའི་ལམ་བཟང་བསྐྲུན།
引领众生解脱之道
དབྱངས་ཅན་མ་ངག་གི་དབང་ཕྱུག
妙音女神妙音之主
ང་ཡི་ལས་སྐལ་གྱི་ལྷ་མཆོག་ཁྱེད་ཡིན།
是我永恒的女神
ཚངས་སྲས་དབྱངས་སྙན་གྱི་ཕ་ཕོག་སྩོལ་ཅིག
请赐予我妙音之声
ཚངས་སྲས་ལགས་དབྱངས་ཅན་ལྷ་མོ།
梵天之女妙音女神
སྙིང་རྗེ་ཆེན་པོ་ཡི་ཐུགས་བསྐྱེད་སྐྱ་རེངས།
大慈悲发心之黎明
ས་གསུམ་བསོད་ནམས་ཀྱི་དཔལ་དུ་འཆར་བའི།
普照三界极速增福
རིག་འཛིན་ཚངས་དབྱངས་ཀྱི་ངག་གི་དབང་ཕྱུག
持明梵天妙音之主
ཚིག་ངག་རིག་དབྱངས་སྙན་གྱིས་སེམས་ཅན་གདུང་བ་འཇོམས།
妙音之力消灭众生苦海
མ་ལས་ཅན་སྐལ་ལྡན་ལ་བདེ་དགེའི་ལེགས་ཚོགས་འཕེལ།
造福有缘信徒众生
དབྱངས་ཅན་མ་ངག་གི་དབང་ཕྱུག
妙音女神妙音之主
ང་ཡི་འདི་ཕྱི་གྱི་ལྷ་དབང་ཁྱེད་ཡིན།
是我此生今世之神
བྱིན་རླབས་ཀུན་འདུས་ཀྱི་བདེན་ཚིག་སྩོལ་ཅིག
请赐予加持真言
未经许可,不得翻唱或使用