悲歌词由班措演唱,出自专辑《》,下面是《悲》完整版歌词!
悲歌词完整版
作词 : 民间
作曲 : 多杰才白
༼སྨྲེང་།༽
ཚིག རྨ་འོད།
དབྱངས རྡོ་རྗེ་ཚེ་བྷེ།
ལེན་མཁན པད་མཚོ།
དབུས་ལྷ་ས་ལྷ་ཡི་ཞིང་ཁམས་ན།
ནང་ཆོས་པ་ཁྲི་མཇལ་འབུམ་མཇལ་རེད།།
མཇལ་མ་ཐུབ་ང་ཚོ་སྙིང་རེ་རྗེ།།
ཁྲི་མཐོན་པོ་རིག་ན་ཞེ་རེ་སྨྲེང་།།
སེམས་གྲང་བ་ཤུར་རེ་དྲན་ཁུ་ཡོད།།
ས་བྱང་ཁ་ཇག་པའི་ལམ་ཁ་ན།།
རྟ་འདོ་བ་མ་འཁོར་བུ་འཁོར་རེད།།
འཁོར་མ་ཚང་རྐྱང་ཕྲུག་སྙིང་རེ་རྗེ།།
ཇག་རྟ་འདེད་རིག་ན་ཞེ་རེ་སྨྲེང་།།
མིག་མཆི་མ་ཤར་རེར་འཚེར་གི་ཡོད།།
ཡུལ་མགོ་ལོག་འབུམ་པ་ཁ་གསུམ་ན།།
ནང་ན་ཟླ་ཕ་འཛོམས་མ་འཛོམས་རེད།།
འཛོམས་མ་ཐུབ་བུ་མོ་སྙིང་རེ་རྗེ།།
བཟའ་མགོ་འཛོམས་རིག་ན་ཞེ་རེ་སྨྲེང་།།
ངག་འདར་སྐད་ལྷང་སེ་ལེན་གི་ཡོད།།