雪之韵歌词由次成卓玛演唱,出自专辑《雪之韵》,下面是《雪之韵》完整版歌词!
雪之韵歌词完整版
གངས་ཀྱི་རོལ་དབྱངས།
雪之韵
XUE ZHI YUN
ཚིག་རྩོམ་མཁན། ཚེ་ཤུལ་བསྟན་པའི་སྒྲོན་མེ།
歌词: 才旭•旦贝仲劢
དབྱངས་རྩོམ་མཁན། བློ་གསལ།
歌曲:罗萨
གཞས་གཏོང་མཁན། ཚུལ་ཁྲིམས་སྒྲོལ་མ།
原唱: 次成卓玛
འཁོར་བའི་གཞིས་ཁྱིམ་འདི་འཚོ་བའི་རྟེན་ས་ཡིན།
དཀར་ནག་ཕྱུགས་ཟོག་འདི་བཅུད་ཀྱི་མར་ལོ་ཡིན།
རི་ཆུ་ལུང་གསུམ་འདི་སེམས་ཀྱི་རྒྱབ་རི་ཡིན།
ཕ་ཡུལ་འབྲོག་པ་འདི་སྲོག་གི་ཀ་བ་ཡིན།
ཁྱོད་དང་ང་ཚོ་ནི་ཡུལ་འདིའི་བདག་པོ་ཡིན།
ཕུ་ནུ་ལགས། རྩྭ་ཐང་གི་བདག་པོ།
家是赖以生存的地方,
黑白家禽是生存之基,
山清水秀心之所托,
故乡牧民是生命支柱,
你和我们是这里的主人。
兄弟啊 草原之主。
དབྱངས་གསལ་སོ་བཞི་འདི་མེས་པོའི་ཞལ་ལུང་ཡིན།
ཕ་ཆས་གཙང་མ་འདི་ཕ་མའི་སྲོལ་རྒྱུན་ཡིན།
གཤིས་བཟང་གཞུང་དྲངས་འདི་རིགས་ཀྱི་རྒྱན་ཆ་ཡིན།
ཡབ་མེས་རིག་གཞུང་འདི་སྲོག་གི་ཀ་བ་ཡིན།
ཁྱོད་དང་ང་ཚོ་ནི་ཡུལ་འདིའི་བདག་པོ་ཡིན།
ཕུ་ནུ་ལགས། རིག་གཞུང་གི་བདག་པོ།
三十四个字母是先祖的教诫,
祖辈的服装是父母的传承,
纯朴贤惠是民族的骄傲,
祖先的经纶是灵魂的支柱,
你和我们是这里的主人。
兄弟啊 文化的传人。
མ་ཎི་ཡིག་དྲུག་འདི་ཡབ་མེས་དད་འདུན་ཡིན།།
སྙིང་རྗེའི་བསམ་སྤྱོད་འདི་ཁ་བའི་སྙིང་ནོར་ཡིན།།
གཞན་ཕན་བྱམས་བརྩེ་འདི་སེམས་ཀྱི་རང་མདངས་ཡིན།
ཀུན་ལ་མཐུན་པ་འདི་སྲོག་གི་ཀ་བ་ཡིན།།
ཁྱོད་དང་ང་ཚོ་ནི་ཡུལ་འདིའི་བདག་པོ་ཡིན།
ཕུ་ནུ་ལགས། བྱམས་སེམས་ཀྱི་བདག་པོ།
六字真言是祖先的信仰,
慈悲之心是雪域至宝,
利他之心是心灵的本质,
众和谐共处是生命之柱,
你和我们是这里的主人。
兄弟啊 慈悲之主。
未经许可,不得翻唱或使用