笨鸟先飞
我们一直在努力
2025-01-25 11:52 | 星期六

教诲修饰窍诀 (伴奏)歌词-苏曼达瓦

教诲修饰窍诀 (伴奏)歌词由苏曼达瓦演唱,出自专辑《教诲修饰窍诀》,下面是《教诲修饰窍诀 (伴奏)》完整版歌词!

教诲修饰窍诀 (伴奏)歌词

教诲修饰窍诀 (伴奏)歌词完整版

ཞལ་གདམས་མན་ངག་གི་རྒྱན།

教诲修饰窍诀

མཛད་པ་པོ། ༧ མཁན་ཆེན་པདྨ་རྣམ་རྒྱལ།

作词:堪钦白玛南嘉

དབྱངས། ཟུར་མང་ཟླ་བ།

作曲:苏曼达瓦

ཞལ་འདོན་པ། ཟུར་མང་ཟླ་བ།

诵经者:苏曼达瓦

སྒྲ་ལེན་ཁང་། སྒྲ་སྙན་མོ་རོལ་དབྱངས་རིག་གནས་ལས་སྒྲུབ་ཁང་།

录音棚:扎念木音乐文化工作室

ཀྱེ་མ་གཟིགས་ཤིག་དཀོན་མཆོག་ཀུན་འདུས་དྲིན་ཆེན་གྱི་བླ་མ། །

སྤྱི་གཙུགས་འདབ་རྒྱས་པདྨའི་གེ་སར་གྱི་དབུས་ནས། །

བདག་འདྲའི་ལས་ངན་ཟོག་པོ་ཁྱུ་གཅིག་ལ་དགོངས་ཏེ། །

འཁྲུལ་སྣང་ཆོས་སྐུར་གྲོལ་བར་བྱིན་གྱིས་རང་རློབས་ཤིག །

ཐོག་མེད་འཁོར་བའི་དུས་ནས་ད་ལྟ་ནི་ཡན་ལ། །

རིགས་དྲུག་སེམས་ཅན་རྩི་རྩི་གྲངས་མེད་ཀྱི་ལུས་ངན། །

རེས་འགའ་མཐོན་པོ་ཨ་སྔོན་དགུང་མཉམ་གྱི་དཔོན་ཆེན། །

རེས་འགའ་དམའ་གུ་ངན་སོང་ཚ་གྲང་གི་སེམས་ཅན། །

རེས་འགའ་ཕྱུག་པོ་རྣམ་ཐོས་བུ་མཚུངས་ཀྱི་འབྱོར་ལྡན། །

རེས་འགའ་དཔའ་བོ་གངས་དཀར་སེང་འདྲ་ཡི་སྐྱེས་བུ། །

རེས་འགའ་མཛེས་མ་ལྷ་མོ་གཞོན་ནུ་ཡི་བྱད་གཟུགས། །

རེས་འགའ་བཀྲེས་སྐོམ་འདྲེ་སྲིན་ཡི་དྭགས་ཀྱི་ལུས་ངན། །

བླངས་བའི་གྲངས་ནི་ས་གཞིའི་རྡུལ་ཕྲན་ལས་འདས་ཀྱང་། །

བླངས་གོ་མ་ཆོད་ལག་སྟོང་ཤ་སྟག་ཏུ་ལོག་སོང་། །

བསགས་པའི་ནོར་རྫས་རྣམ་ཐོས་སྲས་པོ་ལ་འགྲན་ཀྱང་། །

ཟད་པའི་མཐའ་མ་ཡི་དྭགས་བཀྲེས་སྐོམ་ལ་ཐུག་སོང་། །

དགྲ་བོའི་འདུལ་ཐབས་སྲིན་པོ་གདོང་དམར་ལ་འགྲན་ཀྱང་། །

འདུལ་བའི་ཐ་མ་དམྱལ་བ་ཚ་གྲང་ལ་ཐུག་སོང་།།

གཉེན་གྱི་སྐྱོང་ཐབས་བུ་གཅིག་ཕ་མ་ལ་འགྲན་ཀྱང་། །

བསྐྱངས་པའི་ཐ་མ་གྲོགས་མེད་གཅིག་པུ་རུ་འཁྱམས་སོང་། །

ད་ལྟའི་དགའ་སྡུག་མཐོ་དམན་ཇི་འདྲ་ཞིག་སྣང་ཡང་། །

མི་རྟག་ལས་ཀྱི་དབང་གིས་སོ་སོ་རུ་འགྲོ་དགོས། །

ད་ལྟ་ཁེ་ཉེན་གཉིས་ཀྱི་ས་མཚམས་ལ་ཁེལ་དུས། །

དགེ་སྡིག་གདམ་ག་ནོར་ན་དེ་ལས་ཕུང་ཅི་ཡོད། །

ད་ནི་ཚེ་འདིའི་བྱ་བ་གར་དགའ་རུ་ཐོངས་ལ། །

བླ་མེད་བྱང་ཆུབ་སྒྲུབ་པའི་ཞེ་གདེང་ཞིག་རན་འདུག། །

འདི་ལས་ཕྱི་ན་ཕུང་རྒན་ངན་སོང་དུ་འགྲོ་ཤོམ། །

དེ་རུ་སོང་ན་ཐར་པའི་དུས་སྐབས་ནི་མེད་ཚོད། །

གཏན་དོན་བྱང་ཆུབ་སྒྲུབ་པ་རང་ལག་ན་ཡོད་དུས། །

ཕ་གྲོས་མ་ཤོམ་ཆ་ཆ་ཆིས་ཆིས་ལ་མ་ཟད། །

མི་ངན་སྙིང་རུལ་དམ་པའི་ལྷ་ཆོས་ལ་འཇུག་ཉིན། །

བན་བརྒྱ་བོན་སྟོང་གིས་བྲུབས་པའི་ངན་མཐུ་འདྲ་དུ་ནས། །

ལེ་ལོ་ཕྱི་འགྱངས་སྦུ་རུ་བལ་གཏུམས་འདྲ་འགྱུར་ཉེན། །

མི་དགེ་སྡིག་པའི་ལས་ལ་དགའ་འཛུམ་ནི་ཡ་ལེ། །

འདི་དག་བདུད་ལས་ཡིན་པས་རྒྱང་རིང་དུ་དོར་ལ། །

བྱང་ཆུབ་དམ་པའི་སྒྲུབ་པ་འཁོར་ཡུག་ཏུ་སྐྱོངས་མཛོད། །

ཤེས་བྱའི་ཆོས་ཚུལ་རྒྱ་ཆེན་ནམ་མཁའ་དང་མཉམ་ཡང་། །

འོ་གཡུག་མར་གྱི་སྙིང་པོ་མདོ་རྒྱུད་ཀྱི་མན་ངག །

སེམས་ཉིད་ཚུལ་བཞིན་ཤེས་ན་འཁྲུལ་མེད་ཀྱི་སངས་རྒྱས། །

སེམས་ཉིད་རང་ངོ་མ་ཤེས་འཁྲུལ་བཅས་ཀྱི་སེམས་ཅན། །

རིག་དང་མ་རིག་འདི་གཉིས་འཁོར་འདས་ཀྱི་ས་མཚམས། །

དེས་ན་རང་སེམས་ལས་གཞན་སངས་རྒྱས་ནི་མེད་ཐག །

ཕྱི་ལྟར་ཚོགས་དྲུག་ཡུལ་སྣང་རྨི་ལམ་གྱི་ཡུལ་ལྟར། །

རང་སེམས་འཁྲུལ་པའི་རྩལ་ལས་གཞན་དུ་ནི་མ་གྲུབ། །

ནང་ལྟར་འཛིན་པའི་རྣམ་རྟོག་རང་ངོ་ལ་བལྟས་པས། །

རྣམ་པ་འདི་མཐོང་བྲལ་བ་ཐ་མལ་གྱི་ཤེས་པ། །

ཧད་དེ་ཆད་དེ་རྒྱ་ཡན་རང་སོ་ན་སྐྱུར་ཐོངས། །

སེམས་ཉིད་བལྟས་པས་མི་མཐོང་བཞག་པས་ཀྱང་མི་འདུག །

དེ་བཞིན་བཟུང་བས་མི་ཟིན་དེད་པས་ཀྱང་མི་དོར། །

རྣམ་རྟོག་རང་ངོ་ཤེས་ན་གར་སོང་དུ་སྐྱུར་ཐོངས། །

འགྲོ་མཁན་མེད་པ་གཞི་མེད་རྩ་བྲལ་དུ་འགྱུར་འགྲོ། །

བལྟས་པས་མ་མཐོང་ངང་ན་རྒྱ་ཡན་དུ་སྐྱུར་ཐོངས། །

བཞག་པས་མི་འདུག་ཙ་ན་གར་དགའ་རུ་གློད་ཐོངས། །

སེམས་ཉིད་བཟུང་བས་མི་ཟིན་ཤོར་ཤོར་འདྲ་འདུག་ན། །

གར་དགའ་གང་དགའི་གནས་སུ་ཅི་དགའ་རུ་འགྲོ་ཆུག །

ཚོགས་དྲུག་བཟང་པོའི་ཡུལ་སྣང་རང་སེམས་ཀྱི་འཁྲུལ་སྣང་། །

དེ་ལ་ཆགས་ཞེན་སྐྱེས་ན་ཆགས་ཐོག་ཏུ་སྐྱུར་ཐོངས། །

ཚོགས་དྲུག་ངན་པའི་ཡུལ་སྣང་རང་སེམས་ཀྱི་འཁྲུལ་སྣང་། །

དེ་ལ་སྡང་བ་སྐྱེས་ན་དེ་ཐོག་ཏུ་སྐྱུར་ཐོངས། །

དཔེར་ན་རྨི་ལམ་འཁྲུལ་སྣང་བཟང་པོ་དང་ངན་པ། །

བཟང་པོའི་སངས་རྒྱས་རྨིས་ཀྱང་རང་སེམས་ཀྱི་འཁྲུལ་སྣང་། །

ངན་པའི་འདྲེ་སྲིན་རྨིས་ཀྱང་རང་སེམས་ཀྱི་འཁྲུལ་སྣང་། །

རྨི་ལམ་ཡིན་པར་ཤེས་ན་ཆགས་སྡང་དང་འཇིགས་སྐྲག །

ཐམས་ཅད་རྫུན་པའི་ངང་ནས་བདེན་མེད་དུ་རང་གྲོལ། །

དེ་བཞིན་ད་ལྟའི་ཡུལ་སྣང་བཟང་པོ་དང་ངན་པ། །

ཐམས་ཅད་སེམས་སུ་ཤེས་ན་འཁྲུལ་ཡུལ་ནི་མ་གྲུབ། །

སེམས་ཉིད་རང་ངོ་བལྟས་པས་འཁྲུལ་མཁན་ཀྱང་མ་གྲུབ། །

གཟུང་འཛིན་མ་གྲུབ་ཙ་ན་བདག་འཛིན་ཀྱང་མི་གྲུབ། །

ཚིག་ངན་ཙམ་གྱིས་ན་བའི་བདག་འཛིན་ལ་བལྟས་ན།།

མ་བདེ་ཀ་རེ་བ་ཡང་གར་སོང་ནི་མི་འདུག། །

མེད་བཞིན་འཁྲུལ་པའི་རང་མཚང་ཧངས་སེ་རུ་ཤེས་ནས། །

བཟང་ངན་རྫུན་པའི་ངང་ན་རོ་སྙོམས་སུ་སྐྱུར་ཐོངས། །

ལུས་ཀྱི་འགྲོ་འདུག་འདི་བྱ་སྙམ་པ་རང་ཤར་ཚེ། །

འགྲོ་འདུག་བྱར་མེད་ངང་ན་རོ་སྙོམས་སུ་སྐྱུར་ཐོངས། །

ངག་གི་སྨྲ་བརྗོད་འདི་བྱེད་རྟོག་པ་རང་ཤར་ཚེ། །

སྨྲ་བསམ་བརྗོད་མེད་ངང་ན་རོ་སྙོམས་སུ་སྐྱུར་ཐོངས། །

སྣང་བ་སེམས་སུ་རྟོགས་ན་བཟང་ངན་ནི་རོ་སྙོམས། །

སེམས་ཉིད་སྟོང་པར་ཤེས་ན་ཆགས་སྡང་ནི་རོ་སྙོམས། །

ཐམས་ཅད་སྟོང་པར་རྟོགས་ན་རྨི་ལམ་ནི་ཇི་བཞིན། །

མཁའ་ལ་འཕུར་དང་རི་བྲག་ཟང་ཐལ་དུ་འགྲོ་ཞིང་། །

རྫུ་འཕྲུལ་ཡ་མ་ཟུང་ཡང་རང་བྱུང་དུ་འགྲོ་སྐད། །

མདོར་ན་མཉམ་བཞག་རྒྱ་ཡན་ནམ་མཁའ་ལྟར་གློད་ཐོངས། །

སྐབས་དང་སྐབས་སུ་བླ་མའི་མོས་གུས་དང་བསྲེས་ལ། །

ཡུན་ཐུང་གྲངས་མང་ཉིན་མཚན་འཁོར་ཡུག་ཏུ་སྐྱོང་བའི། །

མཉམ་བཞག་ཐུན་ཚོད་ཇེ་རིང་ཇེ་རིང་ལ་བསྲིངས་ན། །

ནམ་ཞིག་ཉིན་མཚན་མེད་པར་འཁོར་ཡུག་ཏུ་འགྲོ་ཚེ། །

ཅི་སྣང་ཅི་དྲན་འོད་གསལ་ཆོས་སྐུ་རུ་ལྷང་ལྷང་། །

བཟང་ངན་ཐམས་ཅད་སྒོམ་མེད་ཡེངས་མེད་དུ་ཤར་ཤར། །

འཁྲུལ་པའི་རང་མཚང་སེམས་ཉིད་ཆོས་སྐུ་རུ་དིབ་འགྲོ། །

རྗེས་ཐོབ་རྨི་ལམ་དང་བསྲེ་གང་ཤར་དུ་བསྐྱུར་ན། །

ཆགས་མེད་སྡང་མེད་རྣལ་འབྱོར་བྱ་བཏང་གི་ཡང་རྩེ། །

སེམས་ཉིད་རང་ངོ་ཤེས་ན་ལྟ་བ་ཡི་མཐར་ཐུག །

དེ་ཉིད་འཁོར་ཡུག་བསྐྱངས་ན་སྒོམ་པ་ཡི་མཐར་ཐུག །

གང་ཤར་དེ་ཐོག་གློད་ན་སྤྱོད་པ་ཡི་མཐར་ཐུག །

འཁྲུལ་པའི་རང་མཚང་ཞིག་དུས་འབྲས་བུ་ཡི་མཐར་ཐུག །

མོས་གུས་མེད་ན་རྟོགས་པ་སྐྱེ་ཐབས་ནི་མེད་ངེས། །

སྙིང་རྗེ་མེད་ན་གཞན་དོན་འགྲུབ་ཐབས་ནི་མེད་ངེས། །

གནད་ཀྱི་མདོ་དོན་འདི་ལས་ཞུ་རྒྱུ་ནི་མི་འདུག །

གནད་དོན་འདི་ལ་མ་འཆུགས་ཕ་བཟང་གི་བུ་ལུ། །

གནད་དོན་འདི་ལ་མ་འཆུགས་ཕ་བཟང་གི་བུ་ལུ། །

未经允许不得转载 » 本文链接:http://www.benxiaoben.com/ef90bVVA9BgpXVgoMDw.html

相关推荐

  • 教诲修饰窍诀歌词-苏曼达瓦

    教诲修饰窍诀歌词-苏曼达瓦

    教诲修饰窍诀歌词由苏曼达瓦演唱,出自专辑《教诲修饰窍诀》,下面是《教诲修饰窍诀》完整版歌词! 教诲修饰窍诀歌词完整版 ཞལ་གདམས་མན་ངག་གི་...

  • 噶玛巴千诺歌词-苏曼达瓦

    噶玛巴千诺歌词-苏曼达瓦

    噶玛巴千诺歌词由苏曼达瓦演唱,出自专辑《噶玛巴千诺》,下面是《噶玛巴千诺》完整版歌词! 噶玛巴千诺歌词完整版 噶玛巴千诺 - 苏曼达瓦曲:苏曼达瓦编曲:普南...

  • 428集  天晟不装了歌词-洛

    428集 天晟不装了歌词-洛

    428集 天晟不装了歌词由洛演唱,出自专辑《天帝传丨大神作品丨双播精品丨热血玄幻丨会员收听》,下面是《428集 天晟不装了》完整版歌词! 428集 天晟不装了歌词完...

  • 430集  道消魔长歌词-洛

    430集 道消魔长歌词-洛

    430集 道消魔长歌词由洛演唱,出自专辑《天帝传丨大神作品丨双播精品丨热血玄幻丨会员收听》,下面是《430集 道消魔长》完整版歌词! 430集 道消魔长歌词完整版 ...

  • 429集  青灵秀歌词-洛

    429集 青灵秀歌词-洛

    429集 青灵秀歌词由洛演唱,出自专辑《天帝传丨大神作品丨双播精品丨热血玄幻丨会员收听》,下面是《429集 青灵秀》完整版歌词! 429集 青灵秀歌词完整版 河畔,...

  • 421集  天后歌词-洛

    421集 天后歌词-洛

    421集 天后歌词由洛演唱,出自专辑《天帝传丨大神作品丨双播精品丨热血玄幻丨会员收听》,下面是《421集 天后》完整版歌词! 421集 天后歌词完整版 林恪不自禁地...