啦嘉啰歌词由当增杰演唱,出自专辑《啦嘉啰》,下面是《啦嘉啰》完整版歌词!
啦嘉啰歌词完整版
ལྷ་བསང་སྔོན་མོའི་ལྷོད་བག་ཁྲོད་ནས།
在青青桑烟之上
སྐྱ་རེངས་གསར་བའི་ཉི་གཞོན་བསུས་བྱུང་།
迎来崭新的朝阳
རབ་དཀར་འོ་མའི་མཆོད་པ་འཕངས་ཏེ།
敬献洁白的乳汁
འགྲོ་ཀུན་དགེ་བའི་སྨོན་ལམ་བཏབ་ཡོད།
愿众生平安喜乐
ལོ་ལྷ་རྒན་པོས་ལོ་གཡང་བསྐྱལ་བྱུང་།
圆满度过吉祥年
གནམ་ལོ་གསར་བའི་འཛུམ་ཞལ་རྒྱས་ཡོད།
祝福度过崭新年
གཡང་གི་ལོ་ཡ། ལྷ་རྒྱལ་ལོ།
吉祥年 啦嘉啰
སྟག་སེང་ཁྱུང་འབྲུག་ལྷ་རྒྱལ་ལོ།
虎狮鹏龙啦嘉啰
གངས་ཀྱི་རི་བོ་ལྷ་རྒྱལ་ལོ།
雪山之王啦嘉啰
རྟིང་མའི་སྨོན་འདུན་ཁྱེད་ལ་གསོལ།
愿您祝愿人吉祥
ཆོས་དུང་དཀར་པོའི་སྒྲ་དབྱངས་ཁྲོད་ནས།
皑皑海螺妙音中
རྟེན་འབྲེལ་ཐོག་མ་ཁྱིམ་ལ་བསུས་བྱུང་།
第一祝福迎家中
ལྷ་དར་དཀར་པོ་མཐོ་རུ་བཏེགས་ཏེ།
洁白哈达高高举
འགྲོ་ཀུན་སྐྱིད་པའི་སྨོན་ལམ་བཏབ་ཡོད།
愿众生平安喜乐
བཀྲ་ཤིས་གླུ་སྒྲས་ལོ་གཡང་བསུས་བྱུང་།
吉祥歌声迎新年
གནམ་ལོ་གསར་བའི་འཇའ་ཚོན་ཤར་ཡོད།
吉祥之年彩虹飘
གཡང་གི་ལོ་ཡ། ལྷ་རྒྱལ་ལོ།
吉祥年 啦嘉啰
སྟག་སེང་ཁྱུང་འབྲུག་ལྷ་རྒྱལ་ལོ།
虎狮鹏龙啦嘉啰
གངས་ཀྱི་རི་བོ་ལྷ་རྒྱལ་ལོ།
雪山之王啦嘉啰
རྟིང་མའི་སྨོན་འདུན་ཁྱེད་ལ་གསོལ།
愿您祝愿人吉祥