男子汉歌词由东贡保东知演唱,出自专辑《心灵的流逝》,下面是《男子汉》完整版歌词!
男子汉歌词完整版
སྟག་ཤར།
男子汉
ཚིག བསང་བདག
词:三德
དབྱངས། ཁྲོ་ཁོ་བ་བཀྲ་ཤིས་རབ་བརྟན།
曲:潮考瓦扎西热旦
ལེན་མཁན། ལྡོང་མགོན་པོ་དོན་གྲུབ།
演唱:东贡保东知
སྟག་ཤར་ཡེ་་་་་
སྨུག་པོ་ལྡོང་གི་བུ་རྒྱུད།
འཛམ་གླིང་གེ་སར་གྱི་རྒྱལ་པོ།
ཆུང་རྒྱུད་གླིང་གི་ཕ་ས།
རྨ་སྨད་གཡུ་ལུང་སུམ་མདོ།
ཡེ་་་་་་་
རྨ་སྨད་གཡུ་ལུང་སུམ་མདོ།
སྟག་ཤར་ཡེ་་་
འདོ་རིགས་རྟ་ཡི་བླ་རི།
ཁྲོ་ཁོའི་གྱི་ལིང་རི་བྱོལ།
རྨ་ཁུག་ཁྲོ་ཁོའི་རྟ་རྒྱུད།
རྐྱང་རྒོད་གཡེར་བའི་རྒྱུད་ཡིན།
ཡེ་་་་་་་་
རྐྱང་རྒོད་གཡེར་བའི་རྒྱུད་ཡིན།
སྟག་ཤར་ཡེ་་་་་
གནག་མོ་ནོར་གྱི་བླ་རི།
གནག་ཟོས་རི་རྒྱལ་མཐོན་པོ།
དཔལ་བན་ནོར་གྱི་རྒྱུད་པ།
བྲེ་སེར་འབྲོང་གི་རྒྱུད་ཡིན།
ཡེ་་་་་
བྲེ་སེར་འབྲོང་གི་རྒྱུད་ཡིན།
སྟག་ཤར་ཡེ་་་་
གཡང་མོ་ལུག་གི་བླ་རི།
ཀླུ་རྒྱལ་ཨ་མྱེ་དངུལ་རྭ།
དངུལ་རྭ་ལྷ་སྡེའི་ལུག་རྒྱུད།
གྲུག་དཀར་རྒོ་ཡི་རྒྱུད་ཡིན།
ཡེ་་་་་་་་་
གྲུག་དཀར་རྒོ་ཡི་རྒྱུད་ཡིན།
ཡེ་་་་་་་་་
གྲུག་དཀར་རྒོ་ཡི་རྒྱུད་ཡིན།