歌颂故乡热贡歌词由南措加&更藏卓玛演唱,出自专辑《歌颂故乡热贡》,下面是《歌颂故乡热贡》完整版歌词!
歌颂故乡热贡歌词完整版
ཕ་ཡུལ་རེབ་གོང་སྙན་མོ་གླུ་ཡིས་བསྟོད།
歌颂故乡热贡
ཚིག གངས་དཔལ།
作词:岗华
དབྱངས། གླིང་རྒྱལ་འཆི་མེད་ཚེ་རིང་།
作曲: 郎甲曲迈才让
ལེན་མཁན། གནམ་མཚོ་རྒྱལ། ཀུན་བཟང་སྒྲོལ་མ།
演唱:南措加、更藏卓玛
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
音乐宣传:谢旦贴吧工作室
ཕ་ཡུལ་རེབ་གོང་རིག་པའི་གྲོང་ཁྱེར་ན། །
渊博文化底蕴之热贡
ཡུལ་ལྷའི་རྒྱལ་པོ་ཨ་མྱེས་བྱ་ཁྱུང་དང་།།
山神之首阿尼夏琼与
མཐུ་ལྡན་ཞུབས་ཆེན་ཨ་མྱེས་སྟག་ལུང་སོགས། །
俱威大德阿尼斗隆等
སྟོང་ཆེན་མཁའ་ལ་ལྷ་ཚོགས་བྱོན་འདྲ་ཡིན།།
胜似诸神降于大千空
ཝེར་མའི་དྲིན་ལ་གཡང་ས་ཞལ་དཀར་འདིའི།།
畏玛恩惠布满此圣地
བསོད་ནམས་འཇའ་རིས་འོད་གུར་འཁྱུག་སེ་ཡོད།།
福泽犹如虹晕显于世
ཕ་ཡུལ་རེབ་གོང་གསེར་གྱི་གཞོང་པ་ན།།
故乡热贡黄金之宝盆
མཐིང་སྦྲ་སྨུག་པོ་ཅན་ལ་ཁྲི་སྡེ་ཡོད། །
牧场乃有万顶黑帐篷
ཤིང་ཁང་གྲུ་བཞི་ཅན་ལ་ཁྲི་སྡེ་ཡོད། །
农庄更有万间方木屋
གཡེར་ཆེན་གནས་ལ་སྟོང་ཆེན་སྡེ་བཞི་སོགས། །
智慧地有大千四庄等
གཏེར་བདག་དྲིན་ལ་གཡང་ཆགས་ལུང་པ་འདིའི།།
伏藏主之恩情缭山谷
རྒྱུ་ནོར་མཚོ་མོའི་གཟུགས་ཀྱིས་མེར་བ་ཡོད།།
珍宝胜似大海茫茫然
ཕ་ཡུལ་རེབ་གོང་བ་སོའི་གཞོང་པ་འདི།།
故乡热贡象牙之宝盆
སྐྱེས་ཆེན་གསེར་གྱི་ཉི་མ་འཁྲུངས་ས་ཡིན། །
此乃贤人志士诞生地
ལྷ་རིས་སྒྱུ་རྩལ་སྤྲིན་ལ་འབྲི་ས་ཡིན། །
神韵唐卡笔于洁白云
དགུ་ཆུ་སྔོན་མོས་ཕུགས་འདུན་སྲིང་ས་ཡིན། །
格曲河之梦想放飞地
སེམས་ཀྱི་དཀྱིལ་ལ་ཚེས་པའི་ཕ་ཡུལ་ནས། །
在此心中圣地之故乡
མཛའ་མཐུན་དུང་གི་འོ་མ་མཉམ་དུ་འཐུང་། །
共饮友谊似螺圣洁乳
སེམས་ཀྱི་དཀྱིལ་ལ་ཚེས་པའི་ཕ་ཡུལ་ནས། །
在此心中圣地之故乡
མཛའ་མཐུན་དུང་གི་འོ་མ་མཉམ་དུ་འཐུང་། །
共饮友谊似螺圣洁乳
མཛའ་མཐུན་དུང་གི་འོ་མ་མཉམ་དུ་འཐུང་། །
共饮友谊似螺圣洁乳