祈祷歌词由玉科措姆演唱,出自专辑《祈福》,下面是《祈祷》完整版歌词!
祈祷歌词完整版
玉科措姆
祈福
རབ་འབྱམས་རྒྱལ་བ་ཀུན་གྱི་གསང་བའི་མཛོད།
།གངས་ཅན་མཁས་གྲུབ་དུ་མའི་གདན་ས་ལ།
།ལེགས་ཚོགས་ཡོན་ཏན་འབྱུང་བ་ཁྲོམ་ལྗོངས་སུ།
།མཚན་དཔེའི་རི་མོ་འབུམ་གྱི་རེ་ཁ་བཀྲ། །
一切浩瀚胜者秘密藏,
诸多雪域大德常驻锡,
产生善妙功德冲地境,
十万相好景象皆呈现
ཕུན་ཚོགས་བསོད་ནམས་འབུམ་གྱི་ཆུ་གཏེར་ལས།
།རྨད་བྱུང་ཐུགས་བསྐྱེད་ཟླ་བའི་འོད་དཀར་བསྐྲུན།
།མཁྱེན་བརྩེ་ནུས་གསུམ་གསལ་བའི་སྒྲོན་མེ་མཆོག
།མདོ་སྔགས་མཛོད་འཆང་བདུད་འདུལ་རོལ་པ་རྩལ། །
圆满十万福德大海中,
生出稀有发心皎月明,殊
胜灯火点燃智悲力,
执显密者降磨游舞力。
(辞藻学中大海是月亮的乳母)
འཕྲལ་ཡུན་དགེ་ལེགས་འདོད་འབྱུང་དབང་གི་རྒྱལ།
།རིན་ཆེན་བྱང་ཆུབ་སེམས་ལ་དབང་འབྱོར་བའི།
།གཏེར་གྱི་བུམ་བཟང་འགྲོ་འདུལ་གླིང་པ་རྗེ།
།གསེར་སྤྲུལ་ཉི་ཟླ་རྡོ་རྗེ་སྙིང་ནས་དྲན། །
当下究竟善美妙欲王,
自在受用珍宝菩提心,
善妙藏瓶尊者度众洲,
思念色珠日月金刚尊。
དགོངས་པ་ཀློང་རྡོལ་རིག་འཛིན་གར་དབང་གླིང་།
།རྒྱུད་བཞི་མན་ངག་ཤིང་རྟ་ལས་དྲངས་པས།
།ཁྱད་པར་བདེ་གཤེགས་རྒྱལ་པོ་སྨན་གྱི་ལྷ།
།དངོས་བྱོན་རིག་འཛིན་ཉི་ཟླ་རྡོ་རྗེ་དྲན། །
证密意界持明游舞洲
,四续窍诀大车中引出,
尤为善逝药王亲降临
,思念持明日月金刚尊。
(四续窍诀大车指四部医典的窍诀传规)
བོད་ཡུལ་མུན་གླིང་ཆོས་ཀྱི་ཞིང་དུ་བསྒྱུར།
།གདུལ་བྱ་འབུམ་ཕྲག་འོག་མིན་ཞིང་ལ་བཀོད།
།རྒྱལ་བསྟན་ཉིན་བྱེད་འདྲེན་པ་སྤྲུལ་པའི་སྐུ།
།པདྨའི་རྒྱལ་ཚབ་གར་དབང་གླིང་པ་དྲན། །
藏地暗洲令转妙法刹,
十万所化令置密严刹,
能引大日之化身,
思念莲师补处游舞洲。
ཁྲོམ་ཡུལ་གྲུབ་པའི་སྨན་ལྗོངས་ན་ཐང་དུ།
།ཡབ་སྲས་དགྱེས་འཛོམས་འཛུམ་པའི་མེ་ཏོག་བཞད།
།སྐུ་གསུམ་མཁའ་འགྲོའི་གླིང་ནས་ཌཱཀི་མའི།
།ཡབ་རྗེ་སྙིང་གི་ཉི་མ་ཞིང་གཞན་དྲངས།
།冲地成就证士沃土中
,父子喜聚之花悉绽放,
三身空行洲中空行母,
迎接慈父心日于他刹。
(心日即心中的太阳)
མགོན་མེད་དྭ་ཕྲུག་ཤུལ་བཞག་མིང་སྲིང་ཚོས།
།དགྱེས་ཞལ་མ་མཇལ་བགྲང་བྱ་ཉེར་བཞི་བགོར།
།སྐྱེ་དང་ཚེ་རབས་ཀུན་ཏུ་རྗེས་བཟུང་ནས།
།མཐར་ཐུག་ཁྱེད་དང་དགོངས་ཀློང་རོལ་ཅིག་ཤོག །
所遗无怙孤儿兄妹众,
未有笑容廿四年已过,
祈愿生生世世得摄持,
究竟与您共享密意界。
冲地即色家族之地,度众洲、
游舞洲、日月金刚、
游舞力皆为同一大德的异名。
公元二零二三年九月三十日,
未经许可,不得翻唱或使用